༈ མྱུར་མཛད་མགོན་པོའི་གཏོར་སྤོད་དུ་ཧཱུཾ་རིང་པོ་དྲུག་བརྗོད་གསུང་པར། དེ་རྣམས་ལ་དམིགས་རྟེན་ཞི་ དྲག་སོགས་ཇི་ལྟར་ཡིན་ཞེ་ན། ཧཱུཾ་དང་པོའི་ཚེ་གཏོར་མའི་སྟེང་དུ་ཧཱུཾ་བསམ། གཉིས་པའི་ཆེ་ཧཱུཾ་དེ་ལས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་འཕྲོས་པས། ཞི་བའི་ཚེ་ནད་གདོན་སྡིག་སྒྲིབ་སོགས་གང་ཞི་བར་འདོད་ [022A]༄༅། །པ་དང། རྒྱས་པ་དང་དབང་གི་ཚེ་དཔའ་བོ་དཔའ་མོ་རྣམས་ཀྱི་ཐུགས་ཀ་ནས་བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩི་དང། དྲག་པོའི་ཚེ་དགྲ་བགེགས་གང་ཡིན་དེ་བཀུག་ནས་གཏོར་མ་ལ་ཐིམས་ པས་བདུད་རྩིར་གྱུར་པར་བསམ། གསུམ་པའི་ཚེ་མགོན་པོ་འཁོར་བཅས་ཀྱི་ལྗགས་འོད་ཟེར་གྱི་སྤུ་གུ་གཏོར་མ་ལ་ཟུག་པར་བསམ། བཞི་པ་ལྔ་པ་དྲུག་པ་རྣམས་ཀྱིས་གཏོར་མ་གསོལ་བར་བསམ་མོ།།